རྣམ་དབྱེ་བརྒྱད།

 རྣམ་དབྱེ་བརྒྱད།


རྣམ་དབྱེ་ཟེར་མི་འདི་ མིང་ཆིག་གི་དོན་ དབྱེ་བ་སོ་སོ་སྦེ་ཕྱེད་ ཚུགས་མི་ལུ་ སླབ་ཨིན།

རྣམ་དབྱེ་བརྒྱད་འདི་་ག་ཅི་ར་མོ་ཟེར་བ་ཅིན་
༡༽ ངོ་བོ་ཙམ་སྟོན་པ།
༢༽ ལས་སུ་བྱ་བ།
༣༽ བྱད་པ་པོ།
༤༽ དགོས་ཆེད།
༥༽ འབྱུང་ཁུངས།
༦༽ འབྲེལ་སྒྲ།
༧༽ གནས་གཞི།
༨༽ བོད་སྒྲ།



རྣམ་དབྱེ་དང་པོ་ངོ་བོ་ཙམ་སྟོན་པ་ཟེར་མི་འདི་ བརྗོད་བྱའི་དོན་ག་ཅི་ ར་ཨིན་རུང་ མིང་རྐྱང་པ་ཙམ་མ་གཏོགས་ བྱ་ལས་དང་ཁྱད་ཆོས་ཚུ་ ག་ནི་ཡང་མ་སྟོན་མི་ལུ་ སླབ་ཨིན། དཔེར་ན། རྡོ་རྗེ། སྤ་རོ། དབྱངས་ཅན་ཕུག ཨ་ལུ། རོ་ཁྱི། ནགས་ཚལ། ཨམ་སྲུ། ཕོ་སྐྱེས་ བཟུམ།

བཟུམ།

གཉིས་པ་ལས་སུ་བྱ་བ།

གཉིས་པ་ལས་སུ་བྱ་བ་ཟེར་མི་འདི་ བྱ་བའི་ཡུལ་ལམ་ལས་ཅིག་ལུ་ བྱེད་པ་པོ་ཅིག་གིས་ ལཱ་ཅིག་འབད་བའི་དོན་སྟོན་པའི་ཚིག་ཅིག་ལུ་ སླབ་ཨིན། ལས་སུ་བྱ་བ་ནང་ལུ་ བྱེད་པ་པོ་ བྱ་བའི་ཡུལ་ བྱ་བ་གསུམ་དགོ།

 

འདི་ལུ་ནང་གསེས་ཀྱི་དབྱེ་བ

 

 ལས་སུ་བྱ་བའི་རྣམ་ དབྱེ་དང་ བྱ་ལས་དབྱེར་མེད་ཀྱི་རྣམ་དབྱེ་གཉིས་ཡོད།

. ལས་སུ་བྱ་བའི་རྣམ་དབྱེ།

ལས་སུ་བྱ་བ་ ལུ་ཕྲད། ན། ར། ལུ། གུ བཞི་དང་ བྱ་ལས་དབྱེར་མེད་ཀྱི་ཕྲད།

 

. བྱ་ལས་དབྱེར་མེད་ཀྱི་རྣམ་དབྱེ།
བྱ་ལས་དབྱེར་མད་ཀྱི་རྣམ་དབྱེ་ཟེར་མི་འདི་ བྱ་བའི་ཡུལ་དྭང་ལས་གཉིས་དབྱེ་བ་ཕྱེ་མ་ཚུགས་པའི་ཚིག་གི་སླབ་ཐངས་ཅིག་ལུ་སྲུབ་ཨནི། བྱ་ལས་དབྱེར་མེད་ཀྱི་ཕྲད། ར་དང་ལུ་གཉིས་ཨིན།

 

ལས་སུ་བྱ་བ།

བྱ་ལས་དབྱར་མེད།

ཕྱི་ཁ་སོང་།

ཤིང་སེར་པོར་གྱུར།

ལྟག་ལུ་སྡོད།

བུམོ་མཁའ་འགྲོ་མ་གྱུར།

སྒྲོམ་ནང་་བཙུགས།

ཨོམ་ཆུ་ལུ་གྱུར།

ཤིང་གུ་འཛེག

སྤྱ་མི་ལུ་གྱུར།

 

. གསུམ་པ་བྱེད་པ་པོ།

བྱེད་པ་པོ་ཟེར་མི་འདི་ གང་ཟག་དང་ དངོས་པོ་ གང་རུང་ཅིག་གིས་ ལཱ་འབད་བའི་དོན་སྟོན་པའི་ཚིག་ཅིག་ལུ་སླབཔ་ཨིན།

དེ་ལུ་ནང་ གསེས་ཀྱི་དབྱེ་བ 

བྱེད་པ་པོ་གཙོ་བོ། ཕལ་པ། རང་བཞིན་གྱི་བྱེད་པ་ པོ། རྒྱུ་མཚན་གྱི་དོན་ལུ་འཇུག་པ་དང་བཞི་ཡོད།

 བྱེད་སྒྲའི་ཕྲད་ ཀྱིས། གིས། གྱིས་གསུམ་འཇུགཔ་ཨིན།

ཕྲད་ ཀྱིས་ འདི་ རྗེས་ འཇུག་ ད། བ། ས་གསུམ་དང། གིས་འདི་རྗེས་འཇུག་ ག། ང་། འ་གསུམ་དང་ མཐའ་མེད་ཀྱི་རྗེས་སུ་འཇུགཔ་ཨིན། ཕྲད་ གྱིས་ འདི་ རྗེས་འཇུག་ ན། མ། ར། ལ་བཞིའི་ རྗེས་སུ་འཇུགཔ་ཨིན།

 བཞི་པ་དགོས་ཆེད།

མཐའ་དོན།

མིང་མཐའ། པ། པོ། མ། མོ། ཝ་ཚུ་བསྡུ་བའི་ཚིག དཔེར་ན། རྒཔ། དཀརཔོ། ཐོངམ། རོལམོ། ཀཝ་ཟེར་མི་ཚུ་ མིང་མཐའ་བསྡུ་བསྡུཝ་ཨིནམ་ ལས་ དེ་ཚུ་གི་མཐའ་མར་ བྱེད་སྒྲའི་ཕྲད་ གིས་ སྦྱར་དགོ། དེ་ཚུ་རྗེས་ འཇུག་ཨིན་པས་མནོ་སྟེ་ རྗེས་འཇུག་དང་འཁྲིལ་བའི་ ཕྲད་སྦྱར་བ་ཅིན་ནོར་ བ་ཨིན།

. དགོས་ཆེད་ཟེར་མི་འདི་ ཚིག་གང་རུང་ཅིག་ལུ་ ལས་ཚིག་སྦྱརཝ་ད་ བར་ན་ལུ་ཕྲད་ ར། ལུ། གུ་གསུམ་གྱིས་ ལཱ་འདི་ འབད་དགོ་པའི་ དོན་དག་དང་ ཡུལ་དང་བྱེད་པོ་གང་རུང་ལུ་ ཕན་པའི་དོན་སྟོན་པའི་ ཚིག་ཅིག་ལུ་ སླབཔ་ཨིན། དཔེར་ན།



དགོས་ཆེད་ཀྱི་ཕྲད་ཚུ་གི་ཧེ་མ་ དོན་ ཟེར་བའི་ཚིག་བཙུགསཔ་ད་ དགོས་ ཆེད་གསལ་བྱེད་ལུ་འགྱོཝ་ཨིན། དཔེར་ན། གཞུང་དོན་ལུ་དཀའཝ་སྤྱད་དགོ་ ཟེར་དོ་བཟུམ།

 . ལྔ་པ་འབྱུང་ཁུངས།

འབྱུང་ཁུངས་ཟེར་མི་འདི་ གང་ཟག་དང་ དངོས་པོ་ཚུ་ ཡུལ་ག་ ལས་འབྱུངམ་ཨིན་ན་གི་ ཁུངས་སྟོན་པའི་ཚིག་ལུ་སླབཔ་ཨིན། དེ་ ལུ་ནང་གསེས་ཀྱི་དབྱེ་བ། འབྱུང་ཁུངས་དངོས། ཆ་འདྲ་བ། འགྲན་ བསྡུར། རྒྱུ་མཚན། སྡུད་སྒྲ་བཅས་ ལྔ་ཡོད། འབྱུང་ཁུངས་ཀྱི་ཕྲད་ ལས་ ཨིན། དཔེར་ན།

ཕྲད།     ལས།

དཔེར་བརྗོད།       འཇུག་ཚུལ། 

མེ་ལས་དུ་པ།        དངོས།

ཤིང་ཁ་ལས་བྱ།       ཆ་འདྲ་བ།



. དྲུག་པ་འབྲེལ་སྒྲ།


འབྲེལ་སྒྲ་ཟེར་མི་འདི་ གངཟག་དང་དངོས་པོ་ཚུ་གི་བར་ན་ འབྲེལ་ བ་སྟོན་པའི་ཚིག་ཅིག་ལུ་སླབཔ་ཨིན།

འབྲེལ་སྒྲའི་ཕྲད། ཀྱི། གི། གྱི། འི། ཡིལྔ་ཡོད་མི་ཚུ་རྗེས་འཇུག་ 

ད། བ། སའི་མཐའ་མར་ཀྱི། 

ག། ང་། མཐའ་མེད་ཀྱི་རྗེས་སུ་གི། 

ན། མ། ར། ལའི་མཐའ་མར་ གྱི

འ་དང་མཐའ་མེད་ཀྱི་རྗེས་སུ་ འི་དང་ ཚིག་ཁ་སྐོང་དགོཔ་དང་ ཡི་འཐོབཔ་ཨིན། འབྲེལ་སྒྲའི་འཇུག་ཚུལ་གྱི་དབྱེ་བ།

ངོ་བོ་བདག་ གཅིག དེ་ལས་དེ་འབྱུང་། རྟེན་དང་བརྟེན་པ། ཡན་ལག་དང་ཡན་ ལག་ཅན། ཁྱད་གཞི་དང་ཁྱད་ཆོས། ནོར་དང་བདག་པོ་བཅས་དྲུག་ ཡོད། དཔེར་ན།


༡༽ངོ་བོ་བདག་གཅིག ཿ སེ་ཤུ་གི་གོ གསེར་གི་སྐུ།
༢༽དེ་ལས་དེ་འབྱུང་ ཿ དཔོན་གྱི་གསལ་ར།
༣༽རྟེན་དང་བརྟེན་པ། ཿ འཐབ་ཀྱི་མེ།
༤༽ཡན་ལག་དང་ཡན་ལ་ཅན། ཿ བླ་མའི་ཕྱག
༥༽ཁྱད་གཞི་དང་ཁྱད་ཆོས། ཿ ཤེ་གི་འོད།
༦༽ནོར་དང་བདག་པོ། ཿ ཁོ་གི་རྒྱུ་ནོར།


. བདུན་པ་གནས་གཞི།

གནས་གཞི་ཟེར་མི་འདི་ གང་ཟག དངོས་པོ་ག་ཅི་ར་འབད་རུང་ ཡུལ་དང་དུས་ཀྱི་གཞི་གཅིག་ལུ་ གནས་ཏེ་ཡོད་པའི་དོན་སྟོན་པའི་ ཚིག་ཅིག་ལུ་སླབཔ་ཨིན། དེ་ལུ་ ནང་གསེས་ཀྱི་དབྱེ་བ། ཡུལ་གྱི་ གཞི་ལ་གནས་པར་སྟོན་པའི་གནས་གཞི་དང་ དུས་ཀྱི་གཞི་ལ་

གནས་པར་སྟོན་པའི་ དུས་ཀྱི་གནས་གཞི་དང་གཉིས་ཡོད། ཡུལ་གྱི་ གནས་གཞི་ལུ་ ཕྲད་ ན། ར། ལུ། གུ་བཞི་དང་ དུས་ཀྱི་གནས་ གཞི་ལུ་ ན། ར། ལུ་གསུམ་འཇུགཔ་ཨིན། དཔེར་ན།

དབྱེ་བ། 

༡༽ཡུལ་གྱི་གཞི་ལུ་གནས་པར་སྟོན་པའི་གནས་གཞི།

༢༽དུས་ཀྱི་གཞི་ལུ་གནས་པར་སྟོན་པའི་དུས་ཀྱི་གནས་གཞི།

ཕྲད་ ཿ ན་ ར་ ལུ་ གུ། དཔེཿ ཤིང་གུ་བྱ།

༢༽དུས་ཀྱི་གཞི་ལུ་གནས་པར་སྟོན་པའི་དུས་ཀྱི་གནས་གཞི། 

ཕྲད་ ཿ ན་ ར་ ལ། དཔེཿ ཆུ་ཚོད་ ༩ ལུ་ཤོག



. བརྒྱད་པ་བོད་སྒྲ།

བོད་སྒྲ་ཟེར་མི་འདི་ གང་ཟག་མཆོག་དམན་འབྲིང་གསུམ་ག་ར་ འབོ་རུང་ མིང་གི་ཐོག་མཐའ་དང་ཚིག་གི་ཐོག་མཐའ་བར་གསུམ་ལུ་ སྦྱར་བའི་ཚིག་ཅིག་ལུ་སླབཔ་ཨིན།

འདི་ལུ་ནང་གསེས་ཀྱི་དབྱེ་བ་གང་ཟག་ལུ་ཐོབ་པའི་ བོད་སྒྲའི་རིགས་ཅིག་དང་ ལས་ཚིག་ལུ་ཐོབ་པའི་སེམས་ཚོར་སྟོན་པའི་སྒྲ་དང་གཉིས་ཡོད། དཔེར་ན།

དབྱེ་བ ཿ ༡༽གང་ཟག་ལུ་འཐོབ་པའི་རིགས་ཅིག ༢༽བྱ་ཚིག་ལུ་འཐོབ་པའི་སེམས་ཚོར་སྟོན་པའི་སྒྱ་རིགས།
༡༽གང་ཟག་ལུ་འཐོབ་པའི་རིགས་ཅིག དཔེ་ ཿ དབའེ་རྡོ་རྗེ་ཚུར་ཤོག
༢༽བྱ་ཚིག་ལུ་འཐོབ་པའི་སེམས་ཚོར་སྟོན་པའི་སྒྱ་རིགས། དཔེ་ ཿ སྤའོ། ཛའི། ཕུའི།

Comments

Popular Posts