གན་རྒྱ།

 

༉       ད་ལན་རང་ལུགས་གནམ་ལོ་ ཤིང་མོ་སྦྲུལ་ལོ་ཟླ་༣ པའི་ཚེས་༢༤་དང་དབྱིན་ཚེས་༢༠..༢༠༡༥་ལུ་ བསམ་རྩེ་རྫོང་ཁག་ ནོར་བུ་སྒང་རྒེད་འོག་ལས་ངོ་སྤྲོད་ལག་ཁྱེར་ཨང་༡༡༢༠༠༣༥༦༧༢༡ ཅན་མ་འཆར་མི་ངོམོ་རྟ་མགྲིན་བཟང་མོ་གི་ སྐམ་ཞིང་ཨེ་ཀར་༢་དྲིས་མཱལ་༦༠ འབད་མི་འདི་  བསམ་རྩེ་རྫོང་ཁག་ ནོར་བུ་སྒང་རྒེད་འོག་ལས་ངོ་སྤྲོད་ལག་ཁྱེར་ཨང་ ༡༡༢༤༥༦༣༢༨༧༥ ཅན་མ་འཆར་མི་ངོམོ་པདྨ་དབྱངས་སྒྲོན་ལུ་ དངུལ་ཀྲམ་༤༠༠༠༠༠/- འབད་བཙོང་ཡོདཔ་ཨིན།

 

རྟ་མགྲིན་བཟང་མོ་མོ་ར་ ས་བཙོང་དགོ་མི་དེ་ཡང་ མོ་གིས་ བུམ་ཐང་ལུ་ ས་ཆ་གསརཔ་ཅིག་ཉོ་ནི་ཨིནམ་ལས་ པདྨ་དབྱངས་སྒྲོན་ལུ་དངུལ་ཀྲམ་༤༠༠༠༠༠/-་འབད་བཙོང་ནི་ཟེར་ཨིན། ད་ལྟོ་ས་ཉོ་བའི་བསྒང་ པདྨ་དབྱངས་སྒྲོན་གིས་ རྟ་མགྲིན་བཟང་མོ་ལུ་ དངུལ་༢༠༠༠༠༠/- སྤྲོད་ཡོདཔ་དང་ལྷང་ལུས་དངུལ་༢༠༠༠༠༠ འདི་གནམ་ལོ་༢༠༢༦་ཟླ ༤་པའི་སྤྱི་ཚེས་ ༡༥ ལུ་སྤྲོད་ནི་འབད་ རྩ་ཕན་གཉིས་ཆ་རའི་ཁ་ཐུག་ལས་ ངེས་ལན་འབད་ཡོདཔ་ཨིན།

གལ་སྲིད་ག་དེམ་གཅིག་སྦེ་ རྩ་ཕན་གཉིས་ག་གིས་ཁ་ཐུག་ལས་འབད་རུང་གོང་གིས་ གནད་དོན་་ལས་འརྒལ་བའི་ བྱ་བ་རེ་ འབད་བ་ཅིན་ ཉེས་ཁྲིམས་གཞུང་གིས་ ཁྲིམས་དང་འཁྲིལ་ཏེ་ ཕྱགས་ཞུ་ནི་ ཟེར་བའི་གན་འཛིན་ལུ།

 

. ས་བཙོང་མི་ རྟ་མགྲིན་བཟང་མོ   

. རྒྱབ་མི་   སྐལ་བཟང་

. ས་ཉོ་མི་ པདྨ་དབྱངས་སྒྲོན

. རྒྱབ་མི་ རྡོ་རྗེ

. འཛོམས་དཔང་ སྒྲོལ་མ

 

Comments